下弦月空行会供
༄༅། །འགྱུར་སྔགས།
加倍咒
ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ།
嗡桑巴Ra桑巴Ra 波玛那萨Ra 玛哈藏巴巴 吽啪的索哈
ལན་གསུམ།三遍
༄༅།
།བླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་
བླ་སྒྲུབ་ཚིག་བདུན་གསོལ་འདེབས་ནི།
七句祈祷文
——《上师密集》中所说上师修法
ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔
吽 哦坚耶杰呢香灿
吽 邬金西北隅
པདྨ་གེ་སར་སྡོང་པོ་ལ༔
巴玛给萨东波拉
莲花蕊茎上
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔
雅灿巧格悟哲尼
稀有成就尊
པདྨ་འབྱུང་གནས་ཞེས་སུ་གྲགས༔
巴玛炯内益色扎
共称莲花生
འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔
括德夸卓芒布果
空行众围绕
ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔
切杰吉色达哲吉
我随汝修行
བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔
辛吉拉协夏色索
祈临赐加持
གུ་རུ་པདྨ་སིདྡྷི་ཧཱུྃ༔
格热巴玛色德吽
格热巴玛色德吽
༄༅།།ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགསཿ
益西措嘉修法·如意宝
法王晋美彭措·取伏藏
索达吉堪布·翻译
༄༅།།ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་ཡེཿ
顶礼上师智慧空行!
ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིཿསྒྲུབ་ཐབས་ཡིད་བཞིན་ནོར་བུ་འདིཿ
སྐལ་བར་ལྡན་པས་ཉམས་བླངས་ནཿདོན་གཉིས་འགྲུབ་པར་ཐེ་ཚོམ་མེདཿས་མ་ཡཱཿ
措嘉智慧空行母,彼之修法如意宝,
具缘分者若实修,无疑成就自他利。
萨玛雅!
དང་པོ་སྐྱབས་སུ་འགྲོ་བ་ནིཿ首先皈依:
ན་མོ།
南无
南无
སྐྱེ་མེད་ཆོས་སྐུ་ཀུན་བཟང་མོཿ
洁美秋格根让莫
无生法身普贤母,
ལོངས་སྐུ་འགགས་མེད་ཝ་ར་ཧིཿ
隆格嘎美哇Ra何 (金刚亥母)
不灭报身瓦绕呵,
དབྱེར་མེད་སྤྲུལ་སྐུ་མཚོ་རྒྱལ་མརཿ
耶美哲格措嘉玛
无别化身措嘉母,
ཡིད་ཆེས་དད་པས་སྐྱབས་སུ་མཆིཿ
叶其达贝嘉森且
诚挚信心而皈依。
སེམས་བསྐྱེད་པ་ནིཿ发心:
འགྲོ་ཀུན་ཡེ་ནས་སངས་རྒྱས་ཀྱངཿ
卓根耶内桑吉匠
众生本是正等觉,
མ་རྟོགས་འཁྲུལ་བར་འཕྱན་པ་རྣམསཿ
玛多彻瓦千巴南
然未证悟迷漂泊,
སྐུ་གསུམ་ས་ལ་དབུགས་དབྱུང་ཕྱིརཿ
格僧萨拉沃永穴
为三身地得安慰,
ཡེ་ཤེས་མཁའ་འགྲོ་ཁྱེད་བསྒྲུབ་བྱཿ
耶希宽卓切哲夏
修行智慧空行汝。
སྲུང་འཁོར་ནིཿ护轮:
ཧྲཱིཿ
舍
舍
འོད་གསལ་དག་མཉམ་ཆེན་པོ་ལཿ
奥萨达年钦波拉
光明大净平等中,
གཟུང་འཛིན་འཁྲུལ་རྟོག་བགེགས་ཀྱི་ཚོགསཿ
荣怎彻多嘎杰措
二取妄念之魔众,
ཡེ་གྲོལ་མིང་མེད་ཆེན་པོ་རུཿ
耶卓芒美钦波热
本来解脱大无名,
ཡེ་ཤེས་རིག་པས་མཚམས་བཅད་དོཿ
耶希热贝灿加多
以智觉性作结界。
བྱིན་འབེབས་པ་ནིཿ祈降加持:
ཧྲཱིཿ
舍
舍
བདག་གནས་ཡོ་བྱད་མཆོད་པའི་ཚོགསཿ
达内哟夏窍波措
我处资具供养聚,
ལྕགས་ལ་གསེར་འགྱུར་རྩིས་ཐེབས་བཞིནཿ
加拉色杰贼特银
犹如触铁成金剂,
དག་པ་སྒྱུ་འཕྲུལ་དྲྭ་བ་རུཿ
达巴杰彻札瓦热
祈愿清净幻化网,
ཡེ་ཤེས་ཆེན་པོས་བྱིན་ཕོབ་ཅིགཿ
耶希钦布辛颇结
以大智慧降加持。
ཨ་ཝེ་ཤ་ཡ་ཕེཾཿ
阿卫夏雅喷
མཆོད་རྫས་བྱིན་རླབས་ནིཿ加持供品:
ཧྲཱིཿ
舍
舍
མཁའ་དབྱིངས་ཁྱོན་ཀུན་མཉམ་བརྡལ་བའིཿ
跨央群根年达沃
周遍所有虚空界,
རིག་རྩལ་མཆོད་པའི་ཕྱག་རྒྱར་རྫོགསཿ
热匝窍波夏嘉作
圆满觉力供手印,
མ་ཚང་མེད་པའི་ལོངས་སྤྱོད་སྤྲིནཿ
玛仓美波隆效阵
无不齐全受用云,
ཟད་མེད་ནམ་མཁའ་མཛོད་དུ་གྱུརཿ
Ra美南跨作德杰
成为无尽虚空藏。
བཛྲ་ས་ཕ་རཏྣ་ཁཾཿ
班则萨帕Ra那康
དངོས་གཞི་ལྷ་བསྐྱེད་པ་ནིཿ正行观起本尊:
ཨཱཿ
阿
阿
ངོ་བོ་ཀ་དག་དེ་བཞིན་ཉིདཿ
噢卧嘎达得银涅
本体本净真实性,
རང་བཞིན་ཀུན་སྣང་སྙིང་རྗེའི་གཏེརཿ
让银根囊酿吉得
自性普现大悲藏,
དབྱེར་མེད་ཐུགས་རྗེའི་རང་གདངས་ལསཿ
耶美特吉让当类
无别大悲自相中,
ཡེ་ཤེས་རང་སྣང་ཞིང་ཁམས་སུཿ
耶希让囊样康色
智慧自现刹土中,
འོད་ལྔ་འདུས་པའི་ཕོ་བྲང་དབུསཿ
奥锕迪波颇庄威
聚集五光宫殿中,
པད་མ་ཉི་མའི་གདན་སྟེང་དུཿ
巴玛涅么丹当德
莲花日轮坐垫上,
རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མཿ
嘉阴耶希措嘉玛
佛母益西措嘉尊,
དམར་གསལ་གཅེར་བུ་རུས་རྒྱན་ཅནཿ
玛萨节沃瑞坚坚
鲜红赤裸佩骨饰,
ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམསཿ
压结夏尼哲托南
一面二臂持刀颅,
ཞབས་གཉིས་དགྱེས་པའི་གར་སྟབས་མཛདཿ
压尼基波嘎达匝
双足欢喜起舞式。
སྐུ་ལ་རང་བྱུང་རྒྱུད་སྡེའི་ལྷཿ
格拉让雄杰迪拉
身中自然续部尊,
མ་འདྲེས་ཡོངས་རྫོགས་གཟུགས་བརྙན་བཞིནཿ
玛这永作惹碾银
不杂圆满如影像,
ཤར་དུ་རྡོ་རྗེ་མཁའ་འགྲོ་དཀརཿ
夏德多杰宽卓嘎
白色金刚空行东,
ལྷོ་རུ་རིན་ཆེན་མཁའ་འགྲོ་སེརཿ
洛热仁钦宽卓色
黄色宝生空行南,
ནུབ་དུ་པད་མ་མཁའ་འགྲོ་དམརཿ
呢德巴玛宽卓玛
红色莲花空行西,
བྱང་དུ་ལས་ཀྱི་མཁའ་འགྲོ་ལྗངཿ
香德类杰宽卓匠
绿色事业空行北,
རྒྱན་དང་ཆ་ལུགས་གཙོ་དང་མཐུནཿ
坚当恰勒作当腾
饰品装束同主尊。
རེ་རེའི་འཁོར་དུ་གནས་ཡུལ་གྱིཿ
热热括德内耶杰
一一眷属悉放射,
མཁའ་འགྲོ་རྒྱ་མཚོའི་སྤྲིན་ཕུང་འཕྲོཿ
宽卓江促阵彭绰
处境空行如海云。
སྤྱི་བོར་པད་མ་ཟླ་གདན་ལཿ
学卧巴玛达丹拉
顶上莲花月垫上,
གུ་རུ་ཨོ་རྒྱན་རྡོ་རྗེ་འཆངཿ
格热哦坚多杰强
邬金莲师金刚持,
དཀར་གསལ་མདངས་ལྡན་ལོངས་སྐུའི་ཆསཿ
嘎萨当丹隆给其
洁白光泽报身装,
ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམསཿ
压结夏尼多哲南
一面二臂持铃杵,
ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ
压尼嘉波若达犹
双足国王游舞式,
དེ་ཡི་འཁོར་དུ་བརྒྱུད་གསུམ་གྱིཿ
得叶括德杰僧杰
彼之眷属三传承,
རིག་འཛིན་བླ་མའི་ཚོགས་རྣམས་གསལཿ
仁增喇么措南萨
持明上师之会众。
འོག་ཏུ་མེ་རླུང་འཚུབ་དཀྱིལ་དུཿ
奥德美龙册杰德
下方风火交加中,
སྡེ་གསུམ་སྲུང་མ་རྒྱ་མཚོའི་ཚོགསཿ
得僧忠玛江促措
三部护法如海众,
སྐུ་མདོག་ཕྱག་མཚན་མ་ངེས་པཿ
格多夏灿玛诶巴
身色标帜皆不定,
གཏུམ་རྔམ་དྲག་པོའི་ཚུལ་གྱིས་བཞུགསཿ
等昂札布策基犹
悍严雄姿威猛相。
གནས་གསུམ་འབྲུ་གསུམ་འོད་ཟེར་གྱིསཿ
内僧哲僧奥热基
即以三处三字光,
ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་ཀུནཿ
效借迪伊嘉耶根
十方四时皈依境,
ཉེ་བའི་དཀྱིལ་འཁོར་རྣམ་པ་རུཿ
涅沃金括南巴热
悉皆以近坛城相,
མདུན་མཁར་སྤྲིན་བཞིན་སྤྱན་དྲངས་གྱུརཿ
登卡阵银宣彰杰
如云迎至前虚空。
ཧྲཱིཿ རང་བཞིན་ཆོས་ཀྱི་དབྱིངས་ཉིད་ལསཿ
舍 让银秋杰央涅类
舍 自性法界本性中,
རང་སྣང་ཡེ་ཤེས་དཀྱིལ་འཁོར་ལཿ
让囊耶希金括拉
自现智慧之坛城,
སྨོན་ལམ་ཐུགས་རྗེའི་སྟོབས་བསྐྱེད་ནསཿ
门蓝特吉多洁内
以发宏愿大悲力,
དད་པའི་ཞིང་འདིར་སྤྱན་འདྲེན་གཤེགསཿ
达波样德宣珍夏
迎请信田降临此。
བཛྲ་ས་མ་ཡ་ཛཿ
班则萨玛雅匝
བཞུགས་སུ་གསོལ་བ་ནིཿ祈请安住:
ཧྲཱིཿ
舍
舍
དམ་ཚིག་པ་དང་ཡེ་ཤེས་སེམསཿ
丹策巴当耶希森
誓言尊者智勇识,
ཡེ་ནས་དབྱེར་མེད་རོ་གཅིག་ཕྱིརཿ
耶内耶美若结穴
本来无别一味故,
ཆུ་ལ་ཆུ་ཐིམ་ཇི་བཞིན་དུཿ
且拉且腾结银德
祈请犹如水融水,
དབྱེར་མེད་མཉམ་པར་བཞུགས་སུ་གསོལཿ
耶美年巴犹色所
无二无别平等住。
ས་མ་ཡ་ཏིཥྛ་ལྷནཿ
萨玛雅地叉蓝
མཆོད་པ་ནིཿ供养:
ཧྲཱིཿ
舍
舍
བདེ་སྟོང་ཡེ་ཤེས་རོལ་བ་ལསཿ
得东耶希若瓦类
空乐智慧游舞中,
གང་སྣང་ཀུན་བཟང་མཆོད་པའི་སྤྲིནཿ
刚囊根让窍波阵
显现普贤供养云,
རང་སྣང་དཀྱིལ་འཁོར་ལྷ་ལ་འབུལཿ
让囊金括拉拉钵
供奉自现坛城尊,
དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལཿ
基义窍腾乌哲作
喜纳赐胜共悉地。
མ་ཧཱ་པུ་ཙ་ཧོཿ
玛哈布匝吙
བསྟོད་པ་ནིཿ赞颂:
ཧྲཱིཿ
舍
舍
དུས་གསུམ་རྒྱལ་བ་འདུས་པའི་སྐུཿ
迪僧嘉瓦迪波格
集聚三时佛陀身,
འབུམ་ཕྲག་མཁའ་འགྲོའི་ཚོགས་རྗེ་མོཿ
崩茶宽珠措杰摩
十万空行众尊母,
དཔག་ཡས་ཕན་དང་བདེ་བའི་གཏེརཿ
华宜潘当得沃得
无量利乐之宝藏,
ཡེ་ཤེས་མཁའ་འགྲོ་ཁྱོད་ལ་བསྟོདཿ
耶希宽卓窍拉多
礼赞智慧空行汝。
གང་གི་ཐུགས་རྗེའི་རང་རྩལ་ལསཿ
刚格特吉让匝类
其大悲自妙力中,
ཡོངས་ཤར་རྩ་བ་གསུམ་གྱི་ཚོགསཿ
永夏匝瓦僧杰措
普现三根本会众,
བྱིན་རླབས་དངོས་གྲུབ་ཀུན་སྩོལ་བའིཿ
辛拉乌哲根作沃
加持赐予诸悉地,
དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོདཿ
金括拉措根拉多
礼赞坛城本尊众。
འཛབ་དམིགས་ནིཿ观想持咒:
ཐུགས་ཀར་ཉི་སྟེང་བཾཿམཚན་མཐརཿ
特嘎涅当旺灿塔
心间日上旺字边,
སྔགས་ཕྲེང་དམར་པོ་གཡོན་དུ་འཁོརཿ
锕创玛波运德括
红色咒串左旋绕,
འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངསཿ
奥触帕窍卓哲样
放光供圣净众障,
སྣང་སྲིད་འོད་དམར་ཀློང་དུ་བཞུསཿ
囊哲奥玛龙德以
现有化为红光界,
དྭངས་བཅུད་རང་གི་སྙིང་གར་ཐིམཿ
当借让格酿嘎腾
精华融入自心间,
བདེ་སྟོང་ཡེ་ཤེས་མངོན་དུ་གྱུརཿ
得东耶希温德杰
现前空乐本智慧。
ཨོཾ་པདྨོ་ཡོ་གི་ནི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཧཱུྃཿ
嗡班母约革讷旺哈日讷萨萨瓦斯德吽吽
འབུམ་ཕྲག་བདུན་དུ་བཟླས་པ་ཡིསཿདཔའ་བོ་མཁའ་འགྲོ་དབང་མེད་འདུཿ
ཉམས་རྟོགས་སྐྱེ་ཞིང་བདེ་དྲོད་འབརཿབྱིན་རླབས་དངོས་གྲུབ་ཀུན་ཐོབ་ཅིངཿ
ཕྱི་མ་མཁའ་འགྲོའི་ཚོགས་གྲལ་དུཿབགྲོད་པར་འགྱུར་བ་ཐེ་ཚོམ་མེདཿ
此咒持诵七十万,勇士空行自然聚,
生起觉悟暖乐盛,获诸加持与悉地。
后世无疑定诣至,诸多空行众会中。
༄༅།། རྡོ་རྗེ་སེམས་དཔའ་གསང་བ་དྲི་མེད་ལས༔ བཤགས་པའི་སྙིང་པོ་སྦྱངས་པའི་རྒྱལ་པོ་ནི༔
金刚萨埵秘密无垢中忏悔精华净化王
༈ རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་གྱུར།
让囊耶西杰 括罗檀嘉夸恰德 萨巴杰
祈愿普天下众生觉醒自现本智轮
ཨོཾ༔ གཞི་ཐོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་༔
嗡 耶托当布桑吉根德让
嗡 基位本初佛陀普贤王
རྡོ་རྗེ་སེམས་དཔའ་རྡོ་རྗེ་དེ་བཞིན་གཤེགས༔
多杰森华多杰得印夏
金刚萨埵金刚如来尊
དཔའ་བོ་ཆེན་པོ་འགྲོ་བ་སྐྱོབ་པའི་མགོན༔
华沃钦波卓瓦久波衮
大勇救护众生之怙主
བདག་ལ་བརྩེར་དགོངས་ཡེ་ཤེས་སྤྱན་གྱིས་གཟིགས༔
达拉贼贡耶西现吉热
慈悯垂念慧眼观照吾
ཨཱཿ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་ཀྱང་༔
阿 多内玛吉耶内南达江
阿 虽原无生本来即清净
འཁྲུལ་ངོར་གློ་བུར་ཤར་བའི་ཀུན་རྟོག་ལས༔
彻哦洛沃夏沃根多类
然迷乱前忽现客妄念
མ་རིག་གཟུང་འཛིན་རྐྱེན་སྣང་ཉམས་ཆག་ཀུན༔
玛热荣怎晋囊年恰根
无明二取外缘诸失坏
དག་ཆེན་ཆོས་དབྱིངས་ཡུམ་གྱི་ཀློང་དུ་བཤགས༔
达钦秋样印杰隆德夏
大净法界佛母界中忏
བཛྲ༔ གསང་བའི་བདག་པོས་རྡོ་རྗེའི་དམ་བསྒྲགས་པ༔
班匝儿 桑沃达布多吉丹扎巴
班匝儿 密主宣示金刚之誓言
སྐུ་གསུང་ཐུགས་གསང་ས་མ་ཡ་འབུམ་གྱི༔
格松特桑萨玛雅本杰
身语意密十万三昧耶
དམ་ལས་ཉམས་ཤིང་ཚིག་ལས་འགལ་བ་གང་༔
丹类年香策类嘎瓦刚
凡所失毁违犯誓言罪
རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔
Ra德农样久贝托洛夏
以大惭愧悔心发露忏
ས་ཏྭ༔ ཉམས་པ་སྐྱོན་དུ་གྱུར་པའི་དུས་འདས་ནས༔
萨埵 年巴俊德杰波第第内
萨埵 失坏垢染复逾时
ལས་ཀྱི་གཉེར་འཛིན་རྡོ་རྗེ་མཁའ་འགྲོ་ཡི༔
类杰涅怎多杰夸卓耶
已成事业监察管制者
བཀའ་ཡི་ཆད་པ་དྲག་པོའི་རྒྱུར་གྱུར་པ༔
瓜耶恰巴扎布杰杰巴
金刚空行严厉惩罚因
འདི་ཕྱིའི་སྒྲིབ་གྱུར་དམྱལ་ཆེན་རྒྱུ་བསགས་བཤགས༔
德协哲杰Nia钦杰萨夏
忏悔现后世障大狱因
ཧཱུྃ༔ འདོད་པའི་རྒྱལ་པོ་ཡེ་ནས་རྡོ་རྗེ་ཆེ༔
吽 多波嘉波耶内多杰切
吽 欲妙之王本来大金刚
དམིགས་སུ་མེད་ཅིང་ཉམས་དང་བཤགས་པ་བྲལ༔
么色美江年当夏巴抓
无缘远离失坏及忏悔
ཀུན་ཏུ་བཟང་པོ་ཡེ་རྫོགས་རིག་པའི་ཀློང་༔
根德让波耶作热波隆
普贤如来本圆觉性界
འདུ་འབྲལ་མེད་པ་ཆོས་དབྱིངས་ཀློང་དུ་ཨཱ༔
德抓美巴秋样隆德阿
无合无离法性界中阿
ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ།
嗡班匝儿萨埵萨玛雅 玛呢巴拉雅 班匝儿萨埵第诺巴 第叉哲卓美巴瓦
སུ་ཏོཥྱོམེ་བྷ་ཝ། སུ་པོཥྱོམེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ།
色多卡哟美巴瓦 色波卡哟美巴瓦 阿呢Ra多美巴瓦 萨儿瓦色德玛美抓雅匝
སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན།
萨儿瓦噶儿玛色匝美 则当西儿样格热吽 哈哈哈哈吙 巴嘎万
སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ
萨儿瓦达塔嘎达 班匝儿玛美门匝 班则儿巴瓦 玛哈萨玛雅 萨埵阿
ཡིག་བརྒྱ་ཅི་རིགས་འདོན། 尽力诵百字明
ཨོཾ་བཛྲ་ས་ཏྭ་ཧཱུྃ།
嗡班匝儿萨埵吽
༈ བདག་དང་སེམས་ཅན་ཐམས་ཅད་ཀྱི། །
达当森坚檀嘉杰
愿我与众生
དམ་ཚིག་ཉམས་ཆག་ཀུན་དག་ཅིང༌། །
丹策年恰根达江
所失誓悉净
འདི་ནས་བྱང་ཆུབ་སྙིང་པོའི་བར། །
德内香确酿布瓦
今至菩提果
དམ་ཚིག་རྣམ་པར་དག་པར་ཤོག །
丹策南巴达巴秀
誓言悉清净
略酬补
༈ ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔
吽 瓜桑玛德雄沃金括德
吽 稀有密教坛城中
བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ༔
喇嘛耶丹拉措永作拉
上师本尊会众前
རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ༔
让雄秋杰样杰贡沃热
自然法界灯器满
རིག་པའི་ཡེ་ཤེས་མར་མེ་གཏམས་ཏེ་འབུལ༔
热波耶西玛美丹得波
觉性本智明灯供
རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔
匝嘉严拉东雅阿么达
八根千支制甘露
སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ༔
格阿耶西永作秋巴波
圆满五身本智供
གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས༔
多永南达华杰多美丹
净食器满吉祥食
འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པར་འབུལ༔
多云永色作波秋巴波
献上圆满欲妙供
ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་དག༔
堪森括瓦永卓夸样达
三界普解净密界
ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔
恰美Ra达玛杰尼秋波
献喜无贪红血供
འབྲུ་བཅུད་སྟོང་ལ་སྦྱར་བའི་དཔའ་བོའི་རྫས༔
哲杰东拉雅沃华悟贼
千谷精配勇士物
གཟི་བྱིན་བསྐྱེད་ཕྱིར་ཛ་གད་མཆོད་པར་འབུལ༔
热辛杰协匝嘎秋巴波
为增威光献酒供
ཨ་ལ་ལ་ཏེ་དགྱེས་པར་བཞེས་སུ་གསོལ༔
阿拉拉得吉巴益色索
祈喜受用阿拉拉
ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ།
嗡班匝儿萨埵萨玛雅 玛呢巴拉雅 班匝儿萨埵第诺巴 第叉哲卓美巴瓦
སུ་ཏོཥྱོམེ་བྷ་ཝ། སུ་པོཥྱོམེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ།
色多卡哟美巴瓦 色波卡哟美巴瓦 阿呢Ra多美巴瓦 萨儿瓦色德玛美抓雅匝
སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན།
萨儿瓦噶儿玛色匝美 则当西儿样格热吽 哈哈哈哈吙 巴嘎万
སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ
萨儿瓦达塔嘎达 班匝儿玛美门匝 班则儿巴瓦 玛哈萨玛雅 萨埵阿
ཡིག་བརྒྱ་ཚར་གཅིག 诵一遍百字明
༈ ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །
南葵塔特塔益森坚南
祈愿普天诸有情
མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ། །
玛巴印德格森温杰得
未经精勤现三身
ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །
帕玛卓珠森坚玛利巴
六道无余父母众
ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །
香吉多美萨拉辛巴秀
一同趋至本初地
མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལསཿ
ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགསཿ
空行修法如意宝·会供甘露云
法王晋美彭措·取伏藏
索达吉堪布·翻译
ཤ་ཆང་སོགས་ཅི་འབྱོར་བའི་ཚོགས་རྫས་འདུ་བྱས་ལཿ筹备酒肉等会供品。
དང་པོ་བྱིན་གྱིས་བརླབ་པ་ནིཿ首先加持:
ཧྲཱིཿ
舍
舍
ཆོས་དབྱིངས་བྷནྡྷ་ཡངས་པ་རུཿ
秋央班达扬巴热
法界广大容器中,
སྣང་སྲིད་འདོད་ཡོན་ཚོགས་སུ་བཤམསཿ
囊哲多云措色香
陈设现有众欲妙,
རང་སྣང་དཀྱིལ་འཁོར་མཉེས་པའི་རྫསཿ
让囊金括尼波贼
自现坛城欢喜物,
བདེ་ཆེན་ཡེ་ཤེས་རོལ་པར་གྱུརཿ
得钦耶希若巴杰
成为大乐智游舞。
ཨོཾ་ཨཱཿཧཱུྃ་ཧོཿ
嗡啊吽吙
སྤྱན་འདྲེན་པ་ནིཿ迎请:
ཧྲཱིཿ
舍
舍
ཉི་ཤུ་རྩ་བཞིའི་གནས་མཆོག་དངཿ
涅协匝伊内窍当
于二十四殊胜境,
དུར་ཁྲོད་ཆེན་པོའི་གནས་བརྒྱད་ནསཿ
德绰钦布内嘉内
以及八大尸林处,
བགྲང་ཡས་དཔའ་བོ་མཁའ་འགྲོ་རྣམསཿ
章宜华卧宽卓南
无数勇士空行众,
རྡོ་རྗེའི་གར་སྟབས་ཤིག་སེ་ཤིགཿ
多吉嘎达谢色谢
金刚舞姿翩翩起。
འགག་མེད་བརྡ་གླུ་འུ་རུ་རུཿ
嘎美搭勒额热热
无灭表歌清朗朗,
བདེ་སྟོང་ཉམས་མྱོང་བུན་ནེ་ནེཿ
得东年浓问内内
空乐领受恍恍然,
རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ
瑞坚耶卡绰洛洛
骨饰銮铃叮铛铛,
ཅང་ཏེའི་རོལ་མོ་ཏི་རི་རིཿ
姜迪若摩德热热
长腰髅鼓咚咚响。
རྣལ་འབྱོར་ཕོ་མོའི་འདུ་བ་ལཿ
纳较颇木德瓦拉
祈请男女瑜伽众,
དགྱེས་པར་དགོངས་ཏེ་གཤེགས་སུ་གསོལཿ
基巴恭得夏色所
欢喜垂念而降临。
བཛྲ་ས་མ་ཡཱ་ཛཿ
班则萨玛雅匝
མཆོད་བཤགས་བསྒྲལ་བསྐང་ནིཿ供养忏悔降伏酬补:
ཧྲཱིཿ
舍
舍
ཤ་ལྔ་བདུད་རྩི་ལྔ་ལ་སོགསཿ
夏锕德责锕拉所
五肉及五甘露等,
ཐབས་ཤེས་བཟའ་བཅའ་བཏུང་བའི་ཚོགསཿ
塔希Ra加洞沃措
方便智慧众饮食,
བླང་དོར་གཉིས་མེད་མཉམ་པའི་རྫསཿ
浪多尼美年波贼
无取无舍平等物,
མཁའ་འགྲོའི་སྐུ་ལ་མཆོད་པ་འབུལཿ
宽珠格拉窍巴钵
供养空行母尊身。
ཆུ་སྐྱེས་འཛུམ་པའི་གེ་སར་དུཿ
且基增波给萨德
莲花绽放花蕊上,
རང་བྱུང་ནོར་བུའི་སྒྱུ་རྩལ་གྱིསཿ
让雄诺威杰匝基
自然宝珠之技艺,
མ་ཧཱ་སུ་ཁ་པུ་ཙ་ཆེཿ
玛哈色卡波匝切
广大喜爱胜供物,
མཁའ་འགྲོའི་གསུང་ལ་མཆོད་པ་འབུལཿ
宽珠颂拉窍巴钵
供养空行母尊语。
བསལ་བཞག་བྲལ་བའི་དབྱིངས་རིམ་དུཿ
萨压抓沃央仁德
远离破立法界中,
བློ་བྲལ་ལྷུག་པར་མཉམ་བཞག་པསཿ
洛抓乐巴年压贝
离心悠然平等住,
གཞི་སྣང་ཐིག་ལེའི་རང་རྩལ་རྫོགསཿ
耶囊特里让匝作
基现明点自力圆,
མཁའ་འགྲོའི་ཐུགས་ལ་མཆོད་པ་འབུལཿ
宽珠特拉窍巴钵
供养空行母尊意。
ཐོག་མེད་བསགས་པའི་སྡིག་ལྟུང་ཀུནཿ
托美萨波德动根
无始所积诸堕罪,
འཁོར་གསུམ་མཚན་མ་བྲལ་བར་བཤགསཿ
括僧灿玛抓瓦夏
离三轮相诚忏悔,
གློ་བུར་འཁྲུལ་བའི་དགྲ་བགེགས་ཀུནཿ
络沃彻波札嘎根
骤然迷乱诸怨魔,
རང་གྲོལ་རིག་པའི་མཚོན་གྱིས་བསྒྲལཿ
让卓热波存基扎
自解觉性刃降伏。
གང་སྣང་འདོད་རྒུའི་ཕྱག་རྒྱར་རྫོགསཿ
刚囊多给夏嘉作
显现手印皆圆满,
མཉམ་ཉིད་བདེ་བ་ཆེན་པོར་བསྐངཿ
年涅得瓦钦波刚
等性大乐作酬补,
བདེ་སྟོང་དོན་གྱི་མཁའ་འགྲོ་མསཿ
得东敦杰宽卓昧
祈祷空乐义空行,
རང་ཞལ་མཇལ་བའི་དངོས་གྲུབ་སྩོལཿ
让压加沃乌哲作
赐予面见之悉地。
རྩ་སྔགས་མཐརཿ诵根本咒:
གྷ་ཎ་ཙཀྲ་པུ་ཙ་ཧོཿས་མ་ཡ་ཤུདྡྷེ་ཨཿམ་ཊཾ་རུ་ཊཱ་མ་ར་ཡ་ཕཊཿ
嘎那匝札布匝吙、萨玛雅西德阿、玛札热札玛绕雅啪的
ཨ་ལ་ལ་ཧོཿ སརྦ་སིདྡྷི་ཧཱུྃཿ
阿拉拉吙,萨瓦斯德吽
༄༅། །ཚོགས་བསྡུས་ནི།
简供
ཚོགས་རྫས་རྣམས། ཨོཾ་ཨཱཿཧཱུྃ་ཧོཿ བྱིན་གྱིས་བརླབས།
嗡阿吽吙(加持会供品)
嗡阿吽吙
རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །
匝森拉措措拉现珍夏
迎请三根本众临会供
ཕྱི་ནང་གསང་བའི་བདེ་ཆེན་ཚོགས་མཆོད་འབུལ། །
协囊桑沃得钦措秋波
献外内密大乐之会供
དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །
丹策年恰檀嘉托洛夏
一切违失誓言发露忏
གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །
尼怎扎嘎秋杰样色卓
二执怨魔诛灭法界中
མཉམ་ཉིད་བདེ་བ་ཆེན་པོར་ཐུགས་དམ་བསྐང་། །
年涅得瓦钦波特丹刚
于平等性大乐满意愿
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
巧当吞蒙悟哲匝德索
祈赐殊胜共同诸悉地
ཞེས་པའང་ཚོགས་གྲངས་བསག་པ་སོགས་ལ་མཁོ་བའི་ཚོགས་བསྡུས་འཇམ་དཔལ་རྡོ་རྗེས་སོ། །
此为积累会供数量时所需之简供,蒋华多杰(麦彭仁波切)作。
དྲང་བ་ནི།分享:
ཧོ།
吙
吙
བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །
喇嘛华卧钦波恭色所
上师大勇士垂念
འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །
德呢秋南让波度
于此诸法观善妙
འདུས་པ་རྣམས་ལ་ཐེ་ཚོམ་མེད། །
迪巴南拉泰聪美
毫无怀疑于会众
བྲམ་ཟེ་ཁྱི་དང་གདོལ་བ་ཕག །
仗热且当多瓦啪
婆罗门犬旃陀猪
རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །
让银结德恭得若
念一味性而受用
ཞུ་ལན་ནི།答复:
བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །
得瓦夏巴秋杰格
善逝如来之法身
འདོད་ཆགས་ལ་སོགས་དྲི་མ་སྤང་། །
多恰拉所哲玛邦
断除贪欲等垢染
གཟུང་འཛིན་རྣམ་པར་བྲལ་བ་ཡི། །
荣怎南巴抓瓦叶
远离能所二取之
དེ་བཞིན་ཉིད་ལ་བདག་ཀྱང་འཚལ། །
得银涅拉达匠擦
真如本性我敬礼
ཨ་ལ་ལ་ཧོ།
阿拉拉吙
取悉地咒:
ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡི་ཕ་ལ་ཧཱུྃ་ཧཱུྃ་ཨཱཿ
嗡啊吽 嘎雅瓦噶泽达 萨瓦色德 帕拉吽吽阿
དེ་ནས་ཚོགས་ཀྱི་རྫས་རྣམས་རྣལ་འབྱོར་པས་ནང་གི་སྲེག་བླུགས་ཀྱི་ཚུལ་དུ་རོལ་ཞིང་། རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་བདེ་སྟོང་གི་རོས་ཚིམས་པར་བས༔
其后瑜伽行者,以内烧灌方式享受会供品,脉界众勇士空行以空乐味满足。
མཐར་ལྷག་མ་བསྔོ་བ་ནིཿ最后回向余供:
ཨོཾ་ཨཱཿཧཱུྃ་ཧོཿ
嗡啊吽吙
ཧྲཱིཿ
舍
舍
སེམས་དང་རིག་པའི་རང་རྩལ་ལསཿ
森当热波让匝类
心觉性自妙力中,
ཡེ་ཤེས་འཇིག་རྟེན་ཌཱཀྐིའི་ཚོགསཿ
耶希结定札给措
智慧世间空行众,
རྗེ་མོ་ཕམ་ཕབ་འདི་རོལ་ལཿ
杰摩旁帕德若拉
至尊享用此神馐,
ཞལ་བཞེས་བཞིན་དུ་འཕྲིན་ལས་སྒྲུབསཿ
压义银德陈类哲
纳受同时成事业。
ཨོཾ་ཨུཥྩི་ཊ་ཁ་ཧིཿ
嗡俄克匝札卡呵
ཚོགས་མཆོད་འདི་ལ་བརྩོན་པ་ནཿཉམས་ཆགས་ཀུན་བྱང་ཚོགས་ཆེན་རྫོགསཿ
བདེ་སྟོང་ཉམས་ཀྱི་བོགས་ཐོན་ནསཿརླུང་སེམས་ལྷ་མི་དབང་དུ་འདུཿས་མ་ཡཱཿ
若精进于此会供,净罪圆满大资粮,
空乐觉受增进已,风心自在摄人天。
萨玛雅!
རྡོ་སྒྲོམ་ཡིད་བཞིན་ནོར་བུའི་ནང་བཅུད་ཀྱི་དོན་བཞིན། ཁོ་མོ་སྔགས་སྐྱེས་ངག་དབང་བཞད་པའི་ལྷ་མོས་པད་མ་མཁའ་འགྲོའི་འདུ་གླིང་། མཁས་གྲུབ་རིག་འཛིན་སྤྲིན་བཞིན་འདུ་བའི་དགའ་ཚལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་གྲུབ་བརྙེས་མདོ་སྔགས་བསྟན་པའི་ཉི་མས་བགྱིས་པ་དགེ་ལེགས་འཕེལ།། །།
依石箧如意宝内精髓义,咒生语自在欢喜天女我于莲花空行聚集洲、成就持明者云集之欢喜园正确抉择之文字,成就者多昂丹毕尼玛撰写。
护法祈祷供养仪轨
ཇ་ཆང་བ་ལིང་སོགས་བཤམ་ཞིང་བྱིན་གྱིས་བརླབས་ནས་འདི་སྐད་དོ། །
陈设茶、酒、食子等供品,加持后念诵此咒:
ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
那美萨儿瓦达塔嘎达 巴哟波秀么剋贝 萨儿瓦达康额嘎得 萨帕Ra那额芒嘎嘎那康索哈
格萨尔王护法:
༈ཀྱེཿ འདོད་དོན་ཀུན་སྒྲུབ་དགྲ་ལྷ་མཐུ་བོ་ཆེ། །
杰 多敦根哲扎拉特沃切
杰 义成战神大威力
རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །
热森巴美杰彻桑钦嘉
三部莲师化格萨
ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །
诺沃扎德瓜多颇Nia具
伏敌宝王使神前
གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །
索洛秋多三敦伦哲作
祈祷供养成心愿
一髻佛母护法:
༈ ཧཱུྃཿ ཀུན་ཏུ་བཟང་མོ་ཡེ་ཤེས་ཁྲོས་པའི་རྩལ། །
吽 根德让莫耶西楚波匝
吽 普贤佛母智怒力
དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛ་ཊཱི་མ། །
样杰嘉莫诶嘎匝哲玛
哎嘎匝哲法界母
ཡེ་ཤེས་ལས་དང་འཇིག་རྟེན་མ་མོའི་ཚོགས། །
耶西类当杰定玛姆措
智业世间女神前
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
索洛秋多久沃陈类作
祈祷供养成事业
绕呵拉护法:
༈ཧྲཱིཿ དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །
舍 章仲恰久钦波Ra呵拉
舍 大仙遍入绕呵拉
སྤྲུལ་པ་རྣམ་བརྒྱད་གདོང་མོ་མཆེད་བཞི་དང༌། །
哲巴南嘉东莫切耶当
八幻化面四兄弟
གཟའ་དང་རྒྱུ་སྐར་དྲེགས་པ་སྡེ་བརྒྱད་བཅས། །
Ra当杰嘎扎巴得嘉具
曜星八部护法前
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
索洛秋多久沃陈类作
祈祷供养成事业
单坚护法:
༈ ཧཱུྃཿ དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ། །
吽 单坚吉沃钦波特类匝
吽 单坚大士明点力
དགྱེས་སྡེ་བརྟན་མ་འཛིན་གིང་ཕོ་ཉའི་ཚོགས། །
吉得丹玛怎刚颇尼措
喜部地母使者众
སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །
格切森嘉珠吉措当具
三百六十弟兄前
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
索洛秋多久沃陈类作
祈祷供养成事业
紫玛护法:
༈ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། །
舍 巴玛旺格瓜年特沃切
舍 听命莲师大力神
ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །
切赞扎波嘉波扬雷威
威猛之王扬雷威
ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པར་བཅས། །
则额玛波瓜括哲巴具
紫玛幻化眷众前
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
索洛秋多久沃陈类作
祈祷供养成事业
祈愿偈:
༈ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །
刚耶耶拉占巴赞吉江
何人心中仅忆念
འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །
多波悟哲得瓦匝巴耶
赐予所欲之悉地
ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །
秋炯耶印诺沃切南吉
汝等护法如意宝
བདག་གི་བསམ་དོན་མ་ལུས་མྱུར་འགྲུབ་མཛོད། །
达格三敦玛利涅哲作
令我所愿皆速成
护法供竟。
རྗེས་སུ་བསྡུ་རིམ་ནིཿ结行收摄次第:
རྟེན་དང་བརྟེན་པའི་དཀྱིལ་འཁོར་ནིཿ
定当定波金括呢
所依能依之坛城,
མི་དམིགས་མཁའ་ལ་འཇའ་བཞིན་ཡལཿ
么么跨拉加银雅
不缘如虹消空中,
སླར་ཡང་ཕྱི་གསལ་གཟུགས་ཀྱི་སྐུཿ
拉扬学萨惹杰格
复次外明之色身,
དུས་གསུམ་དུས་མེད་རྟག་ཏུ་ཤརཿ
迪僧迪美达德夏
三时无时恒常现。
དགེ་བསྔོ་ནིཿ回向善根:
འདིས་མཚོན་དུས་གསུམ་ལེགས་བྱས་ཀུནཿ
迪存迪僧拉虚根
以此为主三时善,
མཁའ་མཉམ་ཡིད་ཅན་ཡོངས་ལ་བསྔོཿ
跨年叶坚永拉噢
回向普天众群生,
དོན་གྱི་ཡེ་ཤེས་ཌཱཀྐི་ནིའིཿ
敦杰耶希札格尼
祈愿面见义智慧,
རང་ཞལ་མཇལ་ནས་བྱང་ཆུབ་ཤོགཿ
让压加内香且效
空行尊颜证菩提。
བཀྲ་ཤིས་ནིཿ吉祥颂:
ཧོཿ
吙
吙
སྣང་སྲིད་མཁའ་འགྲོའི་དལ་དུ་དགཿ
囊哲宽珠达德达
现有清净空行坛,
ངག་རླུང་ཡི་གེའི་སྤྲིན་དུ་རྫོགསཿ
锕龙叶给阵德作
语风圆满文字云,
དྲན་རྟོག་རྫོགས་པ་ཆེན་པོར་སྨིནཿ
展多作巴钦波门
忆念成熟大圆满,
དགེ་ལེགས་མཆོག་གི་བཀྲ་ཤིས་ཤོགཿ
给拉窍格札西效
祈愿善妙胜吉祥。
བདག་འདྲ་པད་མ་འབྱུང་གནས་ཀྱིསཿཡེ་ཤེས་མཁའ་འགྲོའི་ཟབ་སྒྲུབ་འདིཿ
རྡོ་རྗེ་བདུད་འཇོམས་ཁྱོད་ལ་གཏདཿ ད་ལྟ་སྤེལ་བའི་དུས་མིན་པསཿ
མི་འཇིག་རིན་ཆེན་གཏེར་དུ་སྦཿ མ་འོངས་སྙིགས་ལྔས་མནར་བའི་ཚེཿ
ལས་ལྡན་མཁའ་འགྲོས་ཉེར་བསྐུལ་ཚེཿཤོག་སེར་མ་འདོན་དགོངས་གཏེར་དུཿ
གཏེར་ཕུད་འགའ་ཙམ་ཡི་གེར་ཕོབཿསྐལ་ལྡན་འགའ་ལ་སྨན་པར་འགྱུརཿ
གཏེར་སྒྲོམ་མཆོད་པའི་རྟེན་དུ་ཆོངསཿཡང་གཏེར་ཤོག་སེར་འདོན་པའི་དུསཿ
དུང་ཕྱུར་བདུན་གྱི་འགྲོ་དོན་འབྱུངཿས་མ་ཡཱཿ
我者邬金莲花生,智慧空行此深修,
交付降魔金刚汝,现今非是广弘时,
伏藏不坏珍宝中,未来五浊猖獗时,
事业空行劝请时,不取黄纸意伏藏,
伏藏献新立文字,利益些许有缘者。
伏藏宝箧供所依,复取伏藏黄纸时,
饶益七亿有情众。萨玛雅!
ཞེས་གུ་རུའི་བཀའ་བཞིན་ཁོ་མོ་སྔགས་སྐྱེས་དབྱངས་ཅན་བཞད་པའི་ལྷ་མོས་དག་པར་ཕབ་པའོ།། །།
此文,依莲师言教,咒生妙音欢喜天女我正确抉择。
རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
匝杰喇么辛拉酿拉犹
本传上师加持入心间
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །
叶丹拉义吉荣乌哲托
本尊摄受获得众悉地
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །
宽卓单坚利当哲银卓
空行护法如影相伴随
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
刚三楞基哲波札西效
所欲任运成就愿吉祥
༄༅། །སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་བཞུགས།
愿海精髓·普贤刹之杲日
བགྲང་ཡས་ཚོགས་ཟུང་དཔལ་གྱིས་བསྐྲུན་པའི་སྐུ། །
章益措荣华吉珍波格
无边二资所成身
ཡན་ལག་དྲུག་ཅུ་ལྡན་པ་ཚངས་དབྱངས་གསུང་། །
严拉珠杰丹巴仓样松
具六十支梵音语
སྟོབས་བཅུའི་ཡོན་ཏན་ཀུན་ནས་རྫོགས་པའི་ཐུགས། །
多吉云丹根内作波特
十力功德圆满意
ཐུབ་དབང་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ། །
特旺拉耶拉巧贡色索
天中天尊佛垂念
སྡུག་བསྔལ་གསུམ་གྱིས་ཆེས་ཆེར་མནར་བའི་ཚོགས། །
德尔森吉齐切那沃措
如您大慈悲摄受
གང་གིས་བརྩེ་ཆེན་ཐུགས་རྗེས་ཉེ་བར་བཟུང་། །
刚给贼钦特吉涅瓦荣
极剧三苦摧残众
དོན་གཉིས་འདོད་པ་ཡིད་བཞིན་འཇོ་བའི་ཕྱིར། །
敦尼多巴耶印久沃协
为欲二利如意成
བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །
拉美香确巧德特杰达
发最无上菩提心
བདག་ཀྱང་མཁའ་མཉམ་འགྲོ་ཀུན་མ་སྟོང་བར། །
达江夸年卓根玛东瓦
乃至普天众生尽
རང་དོན་ཞི་བདེའི་དཔལ་ལ་མི་ཆགས་པར། །
让敦耶第华拉么恰巴
我亦不贪自寂乐
གཞན་ཕན་ལྷག་པའི་བསམ་སྤྱོད་རྒྱན་བཞིན་བསྟེན། །
严攀拉波三秀坚印定
以饰利他胜意行
འཇུག་པར་བྱའོ་སྲིད་པའི་གྲོང་ཁྱེར་ལ། །
久巴夏哦哲波仲切拉
理应趋入三有城
སྐྱེ་བ་ཀུན་ཏུ་ཡབ་གཅིག་མཁྱེན་པའི་གཏེར། །
杰瓦根德雅吉钦波得
世世慧藏唯一父
འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་སུ་བཟུང་། །
蒋华华悟吉印吉色荣
文殊勇士喜摄受
ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྟན་པའི། །
根德让布门兰类丹波
普贤行愿所宣说
བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །
香确秀巴嘉措塔辛秀
菩萨行海皆究竟
མ་འོངས་རྣམ་འདྲེན་དགུ་བརྒྱ་དགུ་བཅུ་དྲུག །
玛翁南珍格嘉格杰珠
九百九十六导师
ཞིང་འདིར་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ། །
样德温仓嘉沃策敦才
此刹示现成佛时
རྟག་ཏུ་ཞབས་འབྲང་ཉེར་གནས་མཆོག་ཏུ་གྱུར། །
达德雅庄涅内巧德杰
恒成随行胜侍者
རླབས་ཆེན་འཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག །
拉钦陈类贝沃特托秀
得广大业威神力
བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་རྣམས། །
让安类吉追沃森坚南
结善恶缘诸有情
ཚེ་འདི་འཕོས་ཚེ་བདེ་ཆེན་ཞིང་དུ་སྐྱེས། །
才德普才得钦样德吉
命终往生极乐刹
འོད་མཚན་སྟོང་འབར་གསུང་གིས་ལུང་བསྟན་ཐོབ། །
哦灿东巴松给隆丹托
无量光佛予授记
མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས་པར་ཤོག །
钦贼尼波匝钦作巴秀
圆满智悲力妙力
དྲི་མེད་རྒྱལ་བསྟན་དར་ཞིང་ཡུན་དུ་གནས། །
哲美嘉丹达样印德内
无垢佛教长住兴
རིས་མེད་འགྲོ་རྣམས་ཕན་བདེའི་དཔལ་གྱིས་འཚོ། །
瑞美卓南攀第华吉措
无偏众生享利乐
དུས་ཀུན་ཡིད་ལ་སྨོན་པ་འདི་ཁོ་ན། །
第根耶拉门巴德括那
恒时心愿唯有此
མཐུན་འགྱུར་གསུང་གི་དབུགས་དབྱུང་དེང་འདིར་སྩོལ། །
腾杰松格沃永当德作
祈祷加持顺缘成
བཀྲ་ཤིས་གང་ཞིག་ཕུན་ཚོགས་སྡེ་བཞིའི་གཏེར། །
扎西刚耶彭措得益得
吉祥圆满四德藏
མ་ལུས་སྐྱེ་དགུའི་ཉེར་འཚོའི་གསོས་སུ་སྨིན། །
玛利杰给涅促苏色门
成无余众生存因
མི་ཤིས་རྒུད་པ་བཙལ་ཀྱང་མི་རྙེད་པའི། །
么西格巴匝江么涅波
不祥衰损寻不得
དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག །
给拉囊卫萨森恰巴秀
善妙光芒遍三域
ཅེས་ཡུལ་དབུས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ། དེ་བཞིན་གཤེགས་པའི་ཁྲི་དྲུང་དུ་ངག་དབང་བློ་གྲོས་མཚུངས་མེད་པས་སྨོན་པ་དེ་བཞིན་དུ་འགྲུབ་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སྒྲ་ཕབ་འཁོར་ལོ་ལས་གུས་སློབ་བསོད་དར་རྒྱས་ཀྱིས་དེ་ལྟར་སྨོན་བཞིན་ཡི་གེར་བཀོད་པ་དགེའོ། །རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༩ཚེས་༡༠ལ། སྤྱི་ལོ་༡༩༩༠ཟླ་༡༠པའི་ཚེས་༢༩ལའོ།། །།
此愿文于中土金刚座菩提树庄严之世尊法座前,阿旺罗珠宗美所言,愿诸佛菩萨加持如是成就。弟子索达吉由录音整理成文,并也如是发愿。善哉!铁马年九月初十(1990年10月29日)
༄༅། །བཟང་སྤྱོད་ཡན་ལག་བདུན་པ།
普贤行愿品(七支供)
རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ།
嘉嘎嘎德(梵音:)阿雅巴扎匝雅抓呢达那Ra匝
བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།
沃嘎德(藏音:)帕巴让波秀波门兰杰嘉波
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
帕巴蒋华云呢杰巴拉香擦洛
顶礼圣者文殊师利菩萨
ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །
杰涅色达秀吉杰定那
所有十方世界中
དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །
第森夏巴么耶桑给根
三世一切人师子
བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །
达给玛利得达檀嘉拉
我以清净身语意
ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །
利当阿耶当卫香杰哦
一切遍礼尽无余
བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །
让波秀波门兰多达给
普贤行愿威神力
རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །
嘉瓦檀嘉耶杰温森德
普现一切如来前
ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །
样格德涅利Ra德巴益
一身复现刹尘身
རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །
嘉瓦根拉Ra德香擦洛
一一遍礼刹尘佛
རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །
德吉当那德涅桑吉南
于一尘中尘数佛
སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །
桑吉这杰卫那尤巴达
各处菩萨众会中
དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །
得达秋杰样南玛利巴
无尽法界尘亦然
ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །
檀嘉嘉瓦达给刚瓦木
深信诸佛皆充满
དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །
得达阿巴么Ra嘉措南
各以一切音声海
དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །
样杰严拉嘉促扎根吉
普出无尽妙言辞
རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །
嘉瓦根杰云丹Ra久江
尽于未来一切劫
བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །
得瓦夏巴檀嘉达给多
赞佛甚深功德海
མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །
美朵丹巴创瓦丹巴当
以诸最胜妙华鬘
སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །
色年南当协巴德巧当
伎乐涂香及伞盖
མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །
玛美巧当德富丹巴益
如是最胜庄严具
རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
嘉瓦得达拉呢秋巴杰
我以供养诸如来
ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །
那Ra丹巴南当哲巧当
最胜衣服最胜香
ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །
协玛颇玛热Ra年巴当
末香烧香与灯烛
བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །
果巴恰巴帕波巧根吉
一一皆如妙高聚
རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
嘉瓦得达拉呢秋巴杰
我悉供养诸如来
མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །
秋巴刚南拉美嘉切瓦
我以广大胜解心
དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །
得达嘉瓦檀嘉拉样木
深信一切三世佛
བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །
让波秀拉达波多达给
悉以普贤行愿力
རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །
嘉瓦根拉香擦秋巴杰
普遍供养诸如来
འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །
多恰耶当德么旺给呢
我昔所造诸恶业
ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །
利当阿当得印耶吉江
皆由无始贪嗔痴
སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །
德巴达给吉巴杰齐巴
从身语意之所生
དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །
得达檀嘉达给索索夏
一切我今皆忏悔
ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །
秀吉嘉瓦根当桑吉这
十方一切诸众生
རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །
让嘉南当洛当么洛当
二乘有学及无学
འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །
卓瓦根杰索南刚拉样
一切如来与菩萨
དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །
得达根杰吉色达耶让
所有功德皆随喜
གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །
刚南秀吉杰定准玛南
十方所有世间灯
བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །
香确仁巴桑吉玛恰尼
最初成就菩提者
མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །
衮波得达达给檀嘉拉
我今一切皆劝请
འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །
括罗拉那美巴果瓦格
转于无上妙法轮
མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །
Nia安达敦刚耶得达拉
诸佛若欲示涅槃
འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །
卓瓦根拉攀样得沃协
我悉至诚而劝请
བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །
嘎巴样格德涅尤巴样
唯愿久住刹尘劫
བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །
达给塔莫Ra雅索瓦杰
利乐一切诸众生
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །
香擦瓦当秋江夏巴当
所有礼赞供养福
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
吉色耶让格样索瓦耶
请佛住世转法轮
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
给瓦炯Ra达给杰萨巴
随喜忏悔诸善根
ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ འོ། །
檀嘉达给香确协哦喔
回向众生及佛道
༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།
普贤行愿品(发愿)
འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །
第波桑吉南当秀杰耶
我随一切如来学
འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །
杰定达那刚尤秋巴杰
修习普贤圆满行
གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །
刚样玛迅得达Ra涅瓦
供养过去诸如来
བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །
三作香确仁巴桑吉迅
及与现在十方佛
ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །
秀杰嘎类样南杰涅巴
未来一切天人师
དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །
得达嘉切永色达巴杰
一切意乐皆圆满
བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །
香确香旺仲夏嘉瓦当
我愿普随三世学
སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །
桑吉这吉Ra德刚瓦秀
速得成就大菩提
ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །
秀吉森坚刚南杰涅巴
所有十方一切刹
དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །
得达达德那美得瓦杰
广大清净妙庄严
འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །
卓瓦根杰秋杰敦南呢
众会围绕诸如来
མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །
腾巴杰江瑞瓦昂哲巴秀
悉在菩提树王下
བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །
香确秀巴达呢达秀江
十方所有诸众生
འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །
卓瓦根德杰瓦占巴杰
愿离忧患常安乐
ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །
才Ra根德切颇杰瓦那
获得甚深正法利
རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །
达德达呢Ra德炯瓦秀
灭除烦恼尽无余
རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །
嘉瓦根杰吉色洛杰得
我为菩提修行时
བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །
让波秀巴永色作协江
一切趣中成宿命
ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །
策陈秀巴哲美永达巴
常得出家修净戒
རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །
达德玛年俊美秀巴秀
无垢无破无穿漏
ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །
拉耶嘎当勒当诺印嘎
天龙夜叉鸠槃荼
གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །
哲温达当么耶嘎南当
乃至人与非人等
འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །
卓瓦根杰扎南杰赞巴
所有一切众生语
ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །
檀嘉嘎德达给秋丹多
悉以诸音而说法
དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །
第香帕若辛拉Ra尊得
勤修清净波罗蜜
བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །
香确森呢南样杰玛杰
恒不忘失菩提心
སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །
德巴刚南哲巴杰巴达
灭除障垢无有余
དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །
得达玛利永色香瓦秀
一切妙行皆成就
ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །
类当纽蒙德杰类南类
于诸惑业及魔境
གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང༌། །
卓样杰定卓瓦南色样
世间道中得解脱
ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །
杰达巴莫齐么恰巴印
犹如莲华不著水
ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །
涅达南夸托巴美达夏
亦如日月不住空
ཞིང་གི་ཁྱོན་དང་ཕྱོགས་རྣམས་ཅི་ཙམ་པར། །
样格群当秀南杰赞巴
悉除一切恶道苦
ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །
安松德尔Ra德耶瓦协
等与一切群生乐
བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང༌། །
得瓦达拉卓瓦根果江
如是经于刹尘劫
འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །
卓瓦檀嘉拉呢攀巴夏
十方利益恒无尽
བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །
香确秀巴永色作协江
我常随顺诸众生
སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །
森坚达格秀当腾巴久
尽于未来一切劫
བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །
让波秀巴达呢Ra敦江
恒修普贤广大行
མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །
玛翁嘎巴根德秀巴杰
圆满无上大菩提
བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །
达格秀当聪巴刚秀巴
所有与我同行者
དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །
得达当呢达德卓巴秀
于一切处同集会
ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །
利当阿南当呢森吉江
身口意业皆同等
སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །
秀巴达当门兰吉德夏
一切行愿同修学
བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །
达拉攀巴多波卓波达
所有益我善知识
བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །
让波秀巴Ra德敦巴南
为我显示普贤行
དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །
得达当样达德叉巴秀
常愿与我同集会
དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང༌། །
得达达给南样耶么永
于我常生欢喜心
སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །
桑吉这吉果沃衮波南
愿常面见诸如来
མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །
温森达德达给嘉瓦达
及诸佛子众围绕
མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །
玛翁嘎巴根德么久瓦
于彼皆兴广大供
དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །
得达拉样秋巴嘉切杰
尽未来劫无疲厌
རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །
嘉瓦南杰丹波秋怎江
愿持诸佛微妙法
བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །
香确秀巴根德囊瓦协
光显一切菩提行
བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །
让波秀巴南巴永瓦样
究竟清净普贤道
མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །
玛翁嘎巴根德夏巴杰
尽未来劫常修习
སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །
哲巴檀嘉德样括瓦那
我于一切诸有中
བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །
索南耶西达呢么Ra尼
所修福智恒无尽
ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །
塔当西Ra当怎南塔当
定慧方便及解脱
ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །
云丹根杰么Ra作德杰
获诸无尽功德藏
རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །
德吉当那德涅样南得
一尘中有尘数刹
ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །
样得三吉么恰桑吉南
一一刹有难思佛
སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །
桑吉这杰卫那尤巴拉
一一佛处众会中
བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །
香确夏巴秀江达瓦杰
我见恒演菩提行
དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །
得达玛利檀嘉秀色样
普尽十方诸刹海
སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །
扎赞群拉第森擦涅杰
一一毛端三世海
སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །
桑吉嘉措样南嘉措当
佛海及与国土海
བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །
嘎巴嘉措秀江Ra德久
我遍修行经劫海
གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །
松吉严拉嘉促扎嘎吉
一切如来语清净
རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །
嘉瓦根样严拉南达巴
一言具众音声海
འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །
卓瓦根杰三巴杰印样
随诸众生意乐音
སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །
桑吉松拉达德久巴杰
一一流佛辩才海
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །
第森夏波嘉瓦檀嘉达
三世一切诸如来
འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །
括路策南Ra德果瓦耶
于彼无尽语言海
དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །
得达格样松样么Ra拉
恒转理趣妙法轮
བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །
洛耶多吉达江Ra德久
我深智力普能入
མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །
玛翁嘎巴檀嘉久巴样
我能深入于未来
སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །
嘎吉吉给达江久巴杰
尽一切劫为一念
གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །
刚样嘎巴第森擦得达
三世所有一切劫
སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །
嘎吉恰西吉呢耶巴夏
为一念际我皆入
དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང༌། །
第森夏巴么耶桑给刚
我于一念见三世
དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །
得达嘎吉吉拉达给达
所有一切人师子
རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །
达德得达格呢秀耶拉
亦常入佛境界中
སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །
杰玛杰波南塔多吉久
如幻解脱及威力
གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །
刚样第森达格样果巴
于一毛端极微中
དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །
得达德吉当德温巴哲
出现三世庄严刹
དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །
得达玛利秀南檀嘉德
十方尘刹诸毛端
རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །
嘉瓦达格样南果拉久
我皆深入而严净
གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །
刚样玛迅杰定准玛南
所有未来照世灯
བྱང་ཆུབ་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །
香确仁巴仓嘉括罗果
成道转法悟群有
མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །
Nia安第巴Ra德耶塔敦
究竟佛事示涅槃
མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །
衮波根杰仲德达切哦
我皆往诣而亲近
ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །
根德涅沃则彻多南当
速疾周遍神通力
ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །
根内果耶特波多达当
普门遍入大乘力
ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །
根德云丹秀波多南当
智行普修功德力
ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །
根德恰巴现巴达格多
威神普覆大慈力
ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང༌། །
根内给沃索南多达当
遍净庄严胜福力
ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །
恰巴美巴杰波耶西多
无著无依智慧力
ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །
西Ra塔当当怎多达给
定慧方便威神力
བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །
香确多南样达哲巴协
普能积集菩提力
ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །
类杰多南永色达协江
清净一切善业力
ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །
纽蒙多南根德炯巴协
摧灭一切烦恼力
བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །
德杰多南多美Ra协江
降伏一切诸魔力
བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །
让波秀波多呢作巴杰
圆满普贤诸行力
ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །
样南嘉措南巴达协江
普能严净诸刹海
སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །
森坚嘉措达呢南巴卓
解脱一切众生海
ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །
秋南嘉措Ra德通协江
善能分别诸法海
ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །
耶西嘉措Ra德多巴协
能甚深入智慧海
སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །
秀巴嘉措南巴达协江
普能清净诸行海
སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །
门兰嘉措永色作巴协
圆满一切诸愿海
སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང༌། །
桑吉嘉措Ra德秋协江
亲近供养诸佛海
བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །
嘎巴嘉措么久夏巴杰
修行无倦经劫海
གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །
刚样第森夏波嘉瓦耶
三世一切诸如来
བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །
香确秀波门兰协抓南
最胜菩提诸行愿
བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །
让波秀贝香确桑吉内
我皆供养圆满修
དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །
得根达给玛利作巴杰
以普贤行悟菩提
རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །
嘉瓦根杰这杰特沃巴
一切如来有长子
གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །
刚格芒呢根德让益夏
彼名号曰普贤尊
མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །
葵巴得当聪巴夏波协
我今回向诸善根
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །
给瓦德达檀嘉Ra德哦
愿诸智行悉同彼
ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །
利当阿当耶江南达江
愿身口意恒清净
སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །
秀巴南达样南永达巴
诸行刹土亦复然
བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །
哦瓦让波葵巴杰扎瓦
如是智慧号普贤
དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །
得扎达江得当聪巴秀
愿我与彼皆同等
ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །
根内给瓦让波夏波协
我为遍净普贤行
འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །
蒋华杰呢门兰夏巴杰
文殊师利诸大愿
མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །
玛翁嘎巴根德么久瓦
满彼事业尽无余
དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །
得耶夏瓦玛利作巴杰
未来际劫恒无倦
སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །
秀巴达呢擦哟玛杰吉
我所修行无有量
ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །
云丹南江擦荣美巴秀
获得无量诸功德
སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །
秀巴擦美巴拉内内江
安住无量诸行中
དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །
得达彻巴檀嘉擦瓦杰
了达一切神通力
ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །
南葵塔特杰巴杰赞巴
文殊师利勇猛智
སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །
森坚玛利塔样得印得
普贤慧行亦复然
ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །
杰赞类当纽蒙塔杰巴
我今回向诸善根
བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །
达格门兰塔样得赞莫
随彼一切常修学
གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །
刚样秀吉样南塔益巴
三世诸佛所称叹
རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །
仁钦坚得嘉瓦南拉颇
如是最胜诸大愿
ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌། །
拉当么耶得沃巧南江
我今回向诸善根
ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །
样格德涅嘎巴颇瓦卫
为得普贤殊胜行
གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །
刚给哦沃嘉波德图内
愿我临欲命终时
བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །
香确巧格吉色Ra木香
尽除一切诸障碍
ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །
兰吉赞样达巴杰巴那
面见彼佛阿弥陀
བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །
索南丹波巧德德杰若
即得往生安乐刹
གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །
刚给让秀门兰德达贝
我既往生彼国已
དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །
第呢安松檀嘉崩瓦杰
现前成就此大愿
དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །
第呢卓波安巴邦巴印
一切圆满尽无余
སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །
囊瓦塔益得样第涅通
利乐一切众生界
དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །
得达涅巴Ra涅得瓦措
彼佛众会咸清净
མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །
么才德样得达拉巴翁
我时于胜莲华生
ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །
根德让波得样杰扎瓦
亲睹如来无量光
དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །
得达让波么托得印杰
现前授我菩提记
མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །
灿美阿波达格德巴南
蒙彼如来授记已
གང་གིས་མི་ཤེས་དབང་གིས་བྱས་པ་དག །
刚给么西旺给旭巴达
化身无数百俱胝
དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །
得益让波秀巴德久那
智力广大遍十方
མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །
涅德玛利永色香瓦杰
普利一切众生界
ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །
耶西当呢热当灿南当
乃至虚空世界尽
རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །
热当卡多南当丹巴杰
众生及业烦恼尽
བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །
德当么达芒布得么特
如是一切无尽时
འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །
杰定森波根那昂秋巴杰
我愿究竟恒无尽
བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །
香确香旺仲德得涅卓
十方所有无边刹
སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །
松内森坚攀协得德得
庄严众宝供如来
བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །
香确桑吉括罗Ra德果
最胜安乐施天人
བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །
德南得当具巴檀嘉德
经一切刹微尘劫
གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །
刚样让波秀波门兰德
若人于此胜愿王
འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །
强瓦当呢敦丹洛那样
一经于耳能生信
དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །
得耶南巴门巴昂桑吉钦
求胜菩提心渴仰
བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །
香确巧拉松涅玛协吉
获胜功德过于彼
འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །
蒋华华悟杰达钦巴当
即常远离恶知识
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །
根德让波得样得印得
永离一切诸恶道
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །
得达根杰吉色达洛协
速见如来无量光
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །
给瓦德达檀嘉Ra德哦
具此普贤最胜愿
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །
第森夏波嘉瓦檀嘉吉
此人善得胜寿命
བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །
哦瓦刚拉巧德阿巴第
此人善来人中生
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །
达格给沃匝瓦德根江
此人不久当成就
བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །
让波秀协Ra德哦瓦杰
如彼普贤菩萨行
བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །
达呢切沃第协杰巴那
往昔由无智慧力
སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །
哲巴檀嘉达呢协萨得
所造极恶五无间
མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །
温森囊瓦塔益得通内
诵此普贤大愿王
བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །
得瓦坚杰样得Ra德卓
一念速疾皆消灭
དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །
得松内呢门兰德达江
族姓种类及容色
ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །
檀嘉玛利温德杰瓦秀
相好智慧咸圆满
དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང༌། །
得达玛利达给永色刚
诸魔外道不能摧
འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །
杰定杰哲森坚攀巴杰
堪为三界所应供
རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །
嘉沃金括让样嘎瓦得
速诣菩提大树王
པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །
巴莫丹巴辛德贼类吉
坐已降伏诸魔众
སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །
囊瓦塔益嘉卫温森德
成等正觉转法轮
ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །
隆丹巴样达给得托秀
普利一切诸含识
དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །
得呢达给隆丹Ra托内
若人于此普贤愿
སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །
哲巴芒波协瓦叉嘉益
读诵受持及演说
བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །
洛耶多吉秀杰南色样
果报唯佛能证知
སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །
森坚南拉攀巴芒波杰
决定获胜菩提道
བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །
让波秀波门兰敦巴耶
若人诵此普贤愿
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
给瓦炯Ra达给杰萨巴
我说少分之善根
དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །
第呢卓沃门兰给瓦南
一念一切悉皆圆
སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །
嘎吉吉给檀嘉久瓦秀
成就众生清净愿
གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །
刚样让波秀巴德悟贝
我此普贤殊胜行
བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །
索南塔益丹巴刚托第
无边胜福皆回向
འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །
卓瓦德尔切沃香瓦南
普愿沉溺诸众生
འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །
哦华美波内Ra托巴秀
速往无量光佛刹
སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །
门兰嘉波德达巧格作
愿以此等胜愿王
མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །
塔益卓瓦根拉攀协江
能利无量诸有情
ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །
根德让布坚波永哲得
成就普贤庄严行
ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །
安松内南玛利东瓦秀
所有恶趣无余空
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །། 普贤行愿王竟
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའོ།། །།
印度堪布泽那莫札、色仁札布德、智军译师等翻译,大译师贝若匝那主校。
༄༅། །ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདུད་རྩི།
法王如意宝住世祈祷文 ——无死成就甘露
པདྨའི་ཐུགས་སྲས་རྡོ་རྗེ་བདུད་འཇོམས་ཀྱི། །
巴美特这多杰敦炯杰
莲师心子降魔金刚尊
སྤྲུལ་པའི་རྣམ་རོལ་ལས་རབ་གླིང་པའི་གར། །
哲波南若类Ra朗波嘎
化现列绕朗巴游舞身
མང་ཐོས་ལུང་དང་རིགས་པའི་དཔལ་གྱིས་ཕྱུག །
芒图隆当热波华吉协
多闻教理功德悉圆满
འཇི༵གས་མེ༵ད་ཕུ༵ན་ཚོ༵གས་ཞབས་ལ་གསོལ་བ་འདེབས། །
晋美彭措雅拉索瓦得
晋美彭措足下诚祈祷
ཐུགས་རྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་ཞུགས། །
特杰贡波辛拉酿拉耶
意传密意加持入心间
ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །
特耶吉德这巴辛吉洛
加持师智自心融为一
ཞེས་པ་ནི་རྟོགས་པའི་དབང་ཕྱུག་ཆེན་པོ་ཀརྨ་ཆོས་འཕེལ་བཟང་པོས་མཛད་པའོ། །
证悟自在者噶玛秋佩桑波造。
༄༅།
།ཞབས་བརྟན་སྨོན་ཚིག་བྱིན་བརྒྱའི་གཏེར་ཆེན་
ཞེས་བྱ་བ་བཞུགས།
门措上师住世祈祷文
——加持大宝藏
ཨོཾ་སྭ་སྟི།
嗡索德
愿吉祥
ཡེ་སྟོང་གདོད་མའི་རང་རྩལ་འགག་མེད་དུ། །
耶东多美让匝嘎美德
本空不灭自妙力
ལྷུན་འགྲུབ་རོལ་སྐུའི་མཛེས་པ་འབུམ་སྤྲོ་བའི། །
伦哲若给贼巴本卓沃
任运化现众妙身
རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་ཀྱིས། །
匝森嘉瓦嘉促陈类吉
三根本佛事业海
དགེ་ལེགས་བྱིན་ཆེན་ཕོབས་པའི་ཤིས་པ་སྩོལ། །
给拉辛钦颇波西巴作
赐大加持善吉祥
མུ༵་མེ༵ད་སྲིད་མཚོར་ལྷུང་བའི་ཉམ་ཐག་འགྲོར། །
么美哲措隆沃年塔卓
无边轮回悲众前
དག་པའི་ཡེ༵་ཤེ༵ས་སྣང་བ་མཆོག་སྩོལ་ཞིང༌། །
达波耶西囊瓦巧作样
赐予净慧胜光芒
མཚོ༵་བྱུང་ལྷ་མོ༵་དགྱེས་པའི་སྙན་འགྱུར་སྟོང༌། །
措雄拉姆吉波年杰东
海生天女喜悦音
སྒྲོག་མཁས་རྗེ་བཙུན་མ་ལ་གསོལ་བ་འདེབས། །
卓葵杰怎玛拉索瓦得
善传尊母前祈祷
སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན། །
格才么杰多吉西色丹
身寿不变金刚性
འཕྲིན་ལས་མཛད་པས་ཕྱོགས་ཀྱི་འཁོར་ལོར་ཁྱབ། །
陈类匝贝秀杰括罗恰
所行事业遍诸方
ཉེར་འབྲེལ་མཆོད་ཡོན་དམ་ཚིག་གཙང་མ་ཡིས། །
涅追秋云丹策藏玛益
结缘福德净誓言
བསྟན་འགྲོའི་ཕན་བདེ་རིང་དུ་སྐྱོང་གྱུར་ཅིག །
丹珠攀得让德炯杰吉
长久弘法利乐众
སྐྱབས་གནས་རྒྱལ་བའི་ཐུགས་བསྐྱེད་ཟབ་མོ་དང༌། །
嘉内嘉沃特杰Ra莫当
依皈处佛深发心
མཐུ་ལྡན་བསྟན་སྲུང་རྒྱ་མཚོའི་ནུས་མཐུའི་སྟོབས། །
特丹丹仲嘉促尼提多
如海护法威神力
གཡོ་མེད་ལྷག་བསམ་བདེན་པའི་རེ་སྨོན་ལས། །
哟美拉三定波瑞门类
无动胜意谛实愿
འདོད་དོན་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག །
多敦哲波给灿巴杰吉
心想事成瑞相增
